མདུན་དུ་བསྐྱོད། མདུན་དུ་བསྐྱོད། by Konchok Jigdal

ལམ་ཟུར། ཚན་པ་དང་པོ།
ལམ་ཆེན་གྱི་བཀོད་པ་མཛེས་སྡུག་དེར་གོམ་པ་སྤོས་མཁན་གྱི་སྐྱེ་བུ་སུ་འདྲ་ཞིག་ཡིན་རུང་གཡས་གཡོན་གྱི་མེ་ཏོག་གི་འདབ་མར་མིག་ལྟ་ཙམ་བྱེད་མཁན་དང་ཐད་ཀར་མདུན་ཕྱོགས་སུ་བསྐྱོད་མཁན་ཡོངས་རྫོགས་སླེབས་ས་གཅིག་པུ་དེ་གཅིག་པ་མིན་ཀྱང་ལམ་ཁ་གཅིག་པ་རེད། ལམ་ཟུར་ནས་རྒྱུད་པའི་འདྲ་མིན་གྱི་འགྲུལ་བའི་ཆ་ལུགས་ལ་སུས་ཀྱང་འགྲིག་དང་ནོར་གྱི་བཤད་པ་རྒྱོབ་མཁན་ཞིག་མེད་ནའང་ཐམས་ཅད་གཟབ་གཟབ་ངང་རྣམ་འགྱུར་གང་ཡག་སྟོན་པ་ཙམ་ལས་འགྲོ་སྟངས་ལ་ལྟ་དུས་གུ་དོག་དོག་ངང་ཆས། དེ་ནི་ལམ་ཟུར་གྱི་ཟུར་ལྟར་ནམ་ཡང་རང་གི་གང་བྱ་བར་འདོད་པ་དེ་མ་བྱས་པར་གཞན་གྱི་ཟུར་དུ་ལྷག  གློ་བུར་དུ་འགྲམ་ནས་འགྲོ་མཁན་གྱི་བུད་མེད་མཛེས་མར་ལྟ་ཞོར་དེ་གཏན་གྱི་བདེ་སྐྱིད་དེ་མིན་ནམ་སྙམ་ཡང་། རང་གི་རང་ལ་ལྟ་དུས་སེམས་ཤུགས་རྦད་དེ་ཟད། དེ་འདྲ་བསམ་ནས་རང་གི་རེ་བ་ཡོད་ཚད་བརླག་པར་བརྩིས་ནས་སོ་སོས་སོ་སོར་ཞན། དེ་ལས་ལྡོག་སྟེ་རང་ཉིད་ནི་ནམ་ཡང་རང་ཉིད་དང་མཉམ་དུ་ཡོད།

ལམ་ཟུར། ཚན་པ་གཉིས་པ།
ཉིན་མ་ལོ་ལས་རིང་པོ་སྣང་བའི་སྣང་བ་ཐན་ཐུང་ནི་ཀུན་གྱི་རྒྱུན་ལྡན་གྱི་ཚོར་བ་སྐུར་མོ་ཞིག་མདའ། དེ་ལས་ང་ཚོས་ཤེས་དགོས་པ་ནི་མི་ཚེ་ནང་བདེ་སྐྱིད་ལས་སྡུག་བསྔལ་མང་བ་ཡོད་པར་བསྟན། མཚམས་རེར་ཉིན་མ་སྐར་མ་ལས་ཐུང་བ་སྣང་དུའང་བདེ་སྐྱིད་རྫོགས་ཟིན་ཁྱེད་ལ་སྡུག་བསྔལ་གྱི་སྒུག་བསྡད་ཡོད་པར་ཤེས་རྗེས་དང་དུ་ལེན་ནས་མདུན་དུ་བསྐྱོད་དགོས། མིག་ལྟ་རྒྱབ་དུ་འཕེན་དུས་རྐང་རྗེས་རྐྱང་པ་ཙམ་མ་ཡིན་པར་རྐང་རྗེས་རེ་རེར་ལོ་རྒྱུས་ཀྱི་རི་མོ་བྲིས་ཡོད་པར་མཐོང་དགོས།

བདེ་སྐྱིད་ཀྱི་ཆེད་དུ་བདེ་སྐྱིད་ཤོར།
མི་ལོ་དུ་མ་རང་ཡུལ་རིང་བཞག་ནས།།

གཞན་ཡུལ་ཕྱོགས་ལ་བདེ་བའི་གོམ་པ་སྤོས།།

བདེ་སྐྱིད་འཚོལ་དུས་རང་གི་ཡོད་ཚད་བཞག།

བདེ་སྐྱིད་ཆེད་དུ་བདེ་སྐྱིད་ཤོར་དུ་བཅུག།

མཐོན་པོར་ངོ་བསྲུང་ཆེད་དུ་མི་འདོོད་འཛུམ།།

རང་གི་འཛུམ་མདངས་རང་གི་རང་དབང་མེད།།

མི་འདོད་བཞིན་དུས་གཞན་ལ་སྟོན་དགོས་ཁྱད།།

བདེ་སྐྱིད་ཆེད་དུ་བདེ་སྐྱིད་ངང་གི་ཤོར།།

རང་གི་བདེ་སྐྱིད་གཞན་ལ་རེ་ལྟོས་ནས།།

བྱས་ཚེ་ཐམས་ཅད་གཞན་གྱི་རྗེས་སུ་བཟུང་།།

འདོད་པའི་བདེ་སྐྱིད་བརྩལ་ནས་མི་རྙེད་དུས།།

བདེ་སྐྱིད་ཆེད་དུ་བདེ་སྐྱིད་རྩ་ནས་ཤོར།།

སྤྱི་ལོ་༢༠༢༠ཟླ་བ༡༢ ཚེས་༡༨ཉིན།

ལམ་ཟུར། ཚན་པ་མཐའ་མ།
གནས་སྐབས་ཀྱི་ཡིད་འོངས་དེ་དག་ལམ་ཟུར་གྱི་མཛེས་སྡུག་ལྟར་གཏན་དུ་མི་འདུག་པར། དུས་དུས་སུ་གྱུར་བ་འགྲོ་ཡིས་ལ་སྐྱེ་བུ་འབྱོར་ལྡན་གྱིས་ལེགས་བཅོས་ག་དུས་བྱས་ཀྱིས། དེ་ལས་ལམ་ཟུར་དེ་བཞག་ནས་ཨ་སྔོན་དཀྱིལ་ལ་གཅིག་ལྟས་པས་མུ་མཐའ་མེད་པའི་མཐོ་རེག་མཐོང་དུས་ད་གཟོད་ངས་མིག་གི་ནང་དུ་ཤོང་བར་དཀའ་བའི་རྒྱ་ཞིག ངའི་བསམ་བློ་ནང་ཇི་ལྟར་ཡོང་ངེས་སྙམ་འདང་ཞིག་རྒྱབ་ཡིན།
སྤྱི་ལོ ༢༠༢༠ ཟླ་བ ༡༢ ཚེེེས་༡༨ ཉིིན།

རིན་ཐང་།
ད་ལྟ་གཞན་གྱི་གདུང་པ་སེམས་ལ་ཚིག་འབྲུ་རེ་རེ་ཡིད་ལ་མེ་ལོང་ནང་གི་གཟུགས་བརྙན་བཞིན་འཁོར་དུས། ངས་བསམ་རྒྱུ་ཡོད་ཚད་གནས་སྐབས་རིང་དགག་ནས་ཡིད་སྐྱོ་གདུང་ངང་གི་འཕེལ་དུས་མིག་ཆུ་རང་དབང་མེད་ཤོར་བྱུང་། དོན་དངོས་མ་བསམ་དུས་ང་ཁོང་ཚོའི་སྙིང་རྗེ་ཡུལ་ཡིན་པ་སྨོས་ཅི་དགོས། ངའི་ཐག་རིང་གྲོགས་པོ་ཞིག་ད་ལྟ་དོན་དུ་སེམས་སྐྱོ་ཡོད་མེད་ཅི་ནས་ཀྱང་མི་ཤེས་སྟེ། ཁོང་ནི་རིན་ཐང་ཅན་གྲོགས་པོ་ཡག་པོའམ་མི་ཡག་པོ་ཞིག་རེད།
སྤྱི་ལོ་༢༠༢༠ ཟླ་བ་༡༢ ཚེས་༢ ༢ ཉིན།